གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་25ཉིན། 14:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། བོད་ལྗོངས་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ནས་འཁྱགས་དོང་ཆེ་གྲས་ཤིག་རྙེད་པ་དེ་ནི་ན་ནིང་ཟླ་3པར་ས་ཁོངས་དེར་འཁྱགས་དོང་ཆེ་གྲས་རྙེད་རྗེས་སླར་ཡང་གསར་རྙེད་བྱུང་བ་ཞིག་རེད། ས་གནས་དེ་གའི་མང་ཚོགས་ཀྱིས་དེ་ལ་“ཕུ་ཡུལ་འཁྱགས་དོང་”ཞེས་འབོད་ཅིང་།
རྩད་ཞིབ་རགས་ཙམ་བྱས་པ་བརྒྱུད། འཁྱགས་དོང་དེའི་རིང་ཚད་སྨི་152ཙམ་དང་། ཞེང་ཚད་སྨི་18.2ཙམ། མཐོ་ཚད་སྨི་6.6ཙམ་བཅས་ཡོད། ཆགས་དབྱིབས་ནི་གཞུ་དབྱིབས་འདྲ་བ་དང་། འཁྱགས་པའི་འོད་མདངས་གསལ་ཞིང་། འཁྱགས་གཟུགས་མི་འདྲ་བས། ཉི་འོད་འཕྲོས་སྐབས་འཁྱགས་འོག་ཏུ་འོད་སྔོན་འཕྲོ་བས། འཕྲུལ་སྣང་གི་ཚོར་བ་ཞིག་སྟེར་བར་བྱེད་དོ། །